ཨོ་སི་ཏྲེ་ལི་ཡའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་པ།

Source: Pema Dolkar
རིག་གནས་སྐྱེད་ཚལ་ཁང་གི་གཟའ་མཇུག་བོད་ཡིག་འཛིན་གྲྭ་དེ་ཐོག་མར་ཕྱི་ལོ་ ༡༩༩༧ ལོར་བོད་རིགས་སྐྱབས་བཅོལ་བ་འགའ་ཤས་ཀྱིས་སྣེ་འཁྲིད་འོག་འགོ་བཙུགས་པ་དང་། ཕྱི་ལོ་ ༢༠༡༣ ལོར་རིག་གནས་སྐྱེད་ཚལ་ཁང་དེ་ནིའུ་སོཊ་ཝེལ་མངའ་སྡེའི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་ཀྱི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་དེབ་སྐྱེལ་བྱས་ཡོད། ད་ལྟའི་ཆར་དེར་སློབ་ཕྲུག་ཁྱོན་བསྡོམས་ ༨༤ དང་དགེ་རྒན་གཙོས་པའི་ལས་བྱེད་ཁྱོན་བསྡོམས་ཉི་ཤུ་ལྷག་གི་དང་བླངས་འོག་བོད་ཕྲུག་རྣམས་ལ་བོད་ཡིག་རྨང་གཞི་དང་། འབྲི་ཀློག ནང་ཆོས་ངོ་སྤྲོད། བོད་ཀྱི་ཟློས་གར་དང་རོལ་དབྱངས་སོགས་སློབ་འཁྲིད་གནང་བཞིན་ཡོད་འདུག
Share