ཊེལ་སི་ཊྲ་ཡིས་ལག་ཐོགས་ཁ་པར་དང་དྲྭརྒྱའི་ཞབས་ཞུ་རྣམས་ལ་དཀའ་ངལ་འཕྲད་བཞིན་པར་བལྟ་ཞིབ་བྱེད་བཞིན་ཡོད་པར་བརྗོད།
བསྡུས་དོན།
- རྒྱལ་ཡོངས་སུ་ཊེལ་སེ་ཊྲ་དྲྭ་རྒྱའི་ཞབས་ཞུར་དཀའ་ངལ་འཕྲད་བཞིན་པ།
- རེས་གཟའ་ལྷག་པའི་ཞོགས་པའི་ཆུ་ཚོད་ ༥ པ་ནས་བཟུང་འཛད་སྤྱོད་པ་ཁྲི་ཕྲག་མང་པོས་ལག་ཐོགས་ཁ་པར་དང་དྲྭརྒྱའི་ཞབས་ཞུར་དཀའ་ངལ་འཕྲད་པའི་ཞུ་སྙན་གསེང་བྱས་ཡོད།
- ཨོ་སེ་ཊེ་ལི་ཡའི་གྲགས་ཆེ་བའི་གློག་འཕྲིན་བཟོ་ཚོང་ཁང་ཊེལ་སེ་ཊྲ་ལ་རེས་གཟའ་ལྷག་པའི་ཞོགས་པར་རྒྱལ་ཡོངས་སུ་ཞབས་ཞུའི་དཀའ་ངལ་འཕྲད་དེ་འཛད་སྤྱོད་པ་སྟོང་ཕྲག་མང་པོར་ཤུགས་རྐྱེན་ཐེབས་ཡོད།
ཝིག་ཊོ་རི་ཡའི་ས་ཁུལ་གྱི་མེ་འཁོར་བརྒྱུད་ལམ་ཡོངས་རྫོགས་ལ་བརྡ་རྟགས་ཀྱི་དཀའ་ངལ་དེའི་ཤུགས་རྐྱེན་ཐེབས་ཡོད་པ་དང་། གྲོང་ཁུལ་སྐོར་མཁན་གྱི་ཝི་ལ་ཡིན་མེ་འཁོར་འགྲུལ་པ་ཚོར་འགྲོ་ལམ་གཞན་འཚོལ་དགོས་པའི་འབོད་སྐུལ་བྱས་ཡོད།
དབུས་ཛ་དྲག་དོ་དམ་བློན་ཆེན་ཀིར་སི་ཊི་མེག་བྷིན་གྱིས་ཊེལ་སེ་ཊྲ་ཡི་ཞབས་ཞུ་ཉམས་ཆག་དེས་ཁ་པར་དང་དྲྭ་ལམ་འབྲེལ་མཐུད་མང་པོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ར་སྤྲོད་བྱས་ཡོད།
མེག་བྷིན་གྱིས་"ང་ཚོས་ཊེལ་སེ་ཊྲ་ཡིས་དཀའ་ངལ་དེ་སེལ་ཐབས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་།" ཞེས་གསུངས་འདུག།
"ཨོ་སེ་ཊེ་ལི་ཡའི་ཛ་དྲག་ཁ་པར་ཨང་ ༠༠༠ ཡང་དྲྭལམ་གཞན་ལ་ཕྱིར་མཐུད་དགོས་པ་བྱུང་ཡོད།"
དྲྭ་ལམ་དེ་བེད་སྤྱོད་བྱེད་མཁན་རྣམས་ཀྱིས་རེས་གཟའ་ལྷག་པའི་ཞོགས་པའི་ཆུ་ཚོད་ ༥ པའི་སྔོན་ཙམ་ནས་དཀའ་ངལ་དེ་ཌ་འོན་ཌི་ཊེག་ཊར་དྲྭཚིགས་ཐོག་སྙན་གསེང་བྱེད་འགོ་བཙུགས་ཡོད།
ཊེལ་སེ་ཊྲ་ཡིས་དཀའ་ངལ་དེའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་།
དཀའ་ངལ་དེའི་ཤུགས་རྐྱེན་མྱོང་མཁན་རྣམས་ལ་བཟོད་སྒོམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། "ང་ཚོས་ལག་ཐོགས་ཁ་པར་གྱི་ཁ་པར་དང་བརྡ་འཕྲིན་གཏོང་མི་ཐུབ་པའི་དཀའ་ངལ་དེར་བལྟ་ཞིབ་བྱེད་བཞིན་ཡོད།" ཅེས་བཟོ་ཚོང་ཁང་ཆེན་པོ་དེའི་མགྲིན་ཚབ་པས་ཨེསི་བྷི་ཨེསི་གསར་འགྱུར་ཁང་ལ་བརྗོད་ཡོད།
ཁོང་ཚོས་དྲྭརྟགས་ཀྱི་དཀའ་ངལ་འཕྲད་བཞིན་པའི་མི་རྣམས་ལ་རང་ཉིད་ཀྱི་ཝའི་ཕའི་དང་ཁ་པར་རྣམས་སླར་སྒོ་ཕྱེ་དགོས་པའི་ལམ་སྟོན་བྱས་ཡོད།
འོན་ཀྱང་ཁོང་ཚོས་དཀའ་ངལ་དེའི་ཤུགས་རྐྱེན་ཐེབས་པའི་མི་གྲངས་དང་རྒྱུ་རྐྱེན་གྱི་སྐོར་གང་ཡང་བརྗོད་མེད།
མེ་འཁོར་ཞབས་ཞུ་དུ་མ་ཞིག་ལམ་བར་དུ་འགག་སྟེ་ས་ཁུལ་དང་མེལ་བྷོན་གྱི་ཉེ་འཁོར་གྱི་ས་ཚིགས་ནས་འགུལ་མེད་དུ་གནས་ཡོད། ཝིག་ཊོ་རི་ཡའི་མི་ ༧༠,༠༠༠ ཙམ་གྱིས་ཉིན་ལྟར་ཝི་ལ་ཡིན་ལམ་གྲོང་ཁུལ་སྐོར་སྐོར་མཁན་གྱི་མེ་འཁོར་བེད་སྤྱོད་བྱེད་ཀྱི་ཡོད།
མེག་བྷིན་གྱིས་དཀའ་ངལ་དེས་ཝིག་ཊོ་རི་ཡའི་གྲོང་ཁུལ་གྱི་མེ་འཁོར་ཞབས་ཞུ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ར་སྤྲོད་བྱས་ཡོད།
དྲྭ་རྒྱ་དེའི་འཛད་སྤྱོད་པ་རྣམས་ཁོང་ཁྲོ་ལངས་པ།
ཁོང་ཁྲོ་ལངས་པའི་འཛད་སྤྱོད་པ་ཚོས་སྤྱི་ཚོགས་དྲྭལམ་ཐོག་བཟོ་ཚོང་ཁང་དེར་སྐྱོན་བརྗོད་བྱས་ཡོད་པ་དང་། ཁོང་ཚོས་འཕྲུལ་ཆས་ཁ་ཤས་ལས་ཀ་བྱེད་བཞིན་ཡོད་ཀྱང་གཞན་རྣམས་དྲྭརྒྱའི་ཞབས་ཞུ་ལ་འབྲེལ་མཐུད་བྱེད་ཐུབ་ཀྱི་མེད་པར་བརྗོད་ཡོད།
ཁ་ཤས་ཀྱིས་དཀའ་ངལ་དེས་རང་གི་ཚོང་ལས་ལ་ཤུགས་རྐྱེན་ཐེབས་ཡོད་པར་བརྗོད་ཡོད་པ་དང་། གཞན་རྣམས་ཀྱིས་ཆུ་ཚོད་གཉིས་ཙམ་གྱི་རྗེས་སུ་བཟོ་ཚོང་ཁང་དེས་གསན་སྟངས་ཀྱི་འགྱུར་བ་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད།
ཌ་འོན་ཌི་ཊེག་ཊར་གྱི་དྲྭ་ཚིགས་ཐོག་ཊེལ་སི་ཊྲ་བེད་སྤྱོད་བྱེད་མཁན་ཁྲི་ཕྲག་མང་པོས་དཀའ་ངལ་བྱུང་བའི་ཞུ་སྙན་ཕུལ་ཡོད་པ་དང་། རེས་གཟའ་ལྷག་པའི་ཞོགས་པའི་ཆུ་ཚོད་ ༤༌༡༥ ལ་འགོ་བཙུགས་ཏེ་ཆུ་ཚོད་ ༦༌༣༠ ལ་སྙན་གསེང་མང་ཤོས་སླེབས་ཡོད་པ་དང་། དེ་ནས་ཉུང་དུ་ཕྱིན་ཡོད།
དྲྭལམ་དེ་བེད་སྤྱོད་བྱེད་མཁན་བརྒྱ་ཆ་ ༥༣ གྱིས་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ལ་དཀའ་ངལ་འཕྲད་པའི་སྙན་གསེང་བྱས་ཡོད་པ་དང་། བརྒྱ་ཆ་ ༤༠ ཡིས་ལག་ཐོགས་ཁ་པར་གྱི་དྲྭརྒྱ་ལ་དཀའ་ངལ་འཕྲད་བཞིན་པའི་སྙན་གསེང་བྱས་ཡོད། ད་དུང་བརྒྱ་ཆ་ ༤ ཡིས་ཁ་པར་གྱི་སྒྲ་ཐོས་ཐུབ་མིན་གྱི་དཀའ་ངལ་སྙན་གསེང་ཞུས་ཡོད།
ཨོ་སི་ཊེ་ལི་ཡའི་གྲོང་ཁུལ་དང་གྲོང་ཁྱེར་ཡོངས་རྫོགས་སུ་དྲྭལམ་གྱི་དཀའ་ངལ་འཕྲད་དེ་འཛད་སྤྱོད་པ་ཚོས་བཟོ་ཚོང་ཁང་དེར་སྐྱོན་བརྗོད་ཀྱི་ཆར་པ་ཕབ་ཡོད་པར་བཤད། མི་འགའ་རེར་ཛ་དྲག་ཁ་པར་ཨང་གྲངས་ཀྱང་བེད་སྤྱོད་བེད་མ་ཐུབ་པར་གྱུར་ཡོད་འདུག དེ་སྔ་ཕྱི་ལོ་ ༢༠༢༤ ལོར་ཊལ་སི་ཊྲའི་དྲྭལམ་ལ་མ་ལག་གི་སྐྱོན་ཆེན་བྱུང་ནས་ཛ་དྲག་ཞབས་ཞུ་ལ་འབྲེལ་བ་བྱེད་མ་ཐུབ་པའི་དཀའ་ངལ་བྱུང་ཡོད།
ཕྱི་ཟླ་དྲུག་པའི་ནང་དུ་སྒྲིག་གཞི་གསར་པ་གཞིར་བཟུང་དྲྭརྒྱའི་བརྡ་རྟགས་ཀྱི་ནུས་ཤུགས་ཚད་འཇལ་ནས་སྙན་གསེང་ཞུ་དགོས་པར་གྱུར་ཡོད་པས་ཊེལ་སི་ཊྲ་ཡིས་དྲྭརྒྱའི་ཁྱབ་ཁོངས་བརྒྱ་ཆ་སུམ་ཅུ་ཙམ་ཉུང་དུ་གཏོང་དགོས་པ་ཆག་ཡོད། སྒྲིག་གཞི་དེས་འཛད་སྤྱོད་པ་ཚོར་དྲྭལམ་གྱི་ནུས་ཤུགས་ཚད་འཇལ་རྒྱུ་དང་ཞིབ་བསྡུར་བྱེད་རྒྱུ་ལས་སླ་རུ་བཏང་ཡོད།
ཏེལ་སི་ཊྲས་ཕྱི་ལོ་ ༢༠༢༤ ལོའི་དཀའ་ངལ་དེ་ཆུ་ཚོད་གཅིག་དང་ཕྱེད་ཀའི་ནང་སེལ་ཐུབ་ཡོད་ཀྱང་། དེའི་སྐབས་ཝིག་ཊོ་རི་ཡའི་སྐྱེས་པ་ཞིག་གི་ཁྱིམ་ཚང་གི་ཛ་དྲག་གི་ཁ་པར་འགོར་འགྱངས་བྱུང་སྟབས་སྙིང་ཁྲག་དགག་ནས་འདས་གྲོངས་སུ་གྱུར་ཡོད།
དོན་རྐྱེན་དེར་རྟོག་ཞིབ་བྱས་རྗེས་ཉོ་ཚོང་ཁང་ས་ཡ་ ༢༤.༩ ཅན་གྱི་ཊལ་སི་ཊྲ་ལ་ཨོ་སྒོར་ས་ཡ་གསུམ་གྱི་ཆད་པ་བཅད་ཡོད་པ་མ་ཟད། བརྡ་འཕྲིན་བཟོ་ཚོང་ཁང་རྣམས་ལ་དོན་རྐྱེན་བྱུང་སྐབས་གནས་ཚུལ་གསར་པ་གང་བྱུང་ཡོངས་རྫོགས་བརྒྱུད་སྤྲོད་བྱེད་དགོས་པའི་ཁྲིམས་གསར་པ་ཡང་ལག་བསྟར་བྱས་ཡོད།





