མེལ་སྦོམ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་བྱས་པའི་བོད་ཀྱི་ལོ་སར་འདུ་འཛོམས་ཐོག བོད་མི་བཞི་བརྒྱ་ལྷག་འཛོམས་ཏེ་བོད་རྒྱ་དབྱིན་གསུམ་གྱི་གླུ་གཞས་གཏོང་བ་དང་། ཞབས་བྲོ་འཁྲབ་པ། སྐོར་བྲོ་འཁྲབ་པ་དང་། རྐང་རྩལ་སྤོ་ལོ་རྩེ་བ། རྩེད་རིགས་གཞན་སྣ་ཚོགས་གོ་སྒྲིག་བྱས་ནས་ལོ་སར་སྲུང་བརྩི་བྱས་བྱུང་།

བུད་མེད་ཞིག་གིས་རང་ཁྱིམ་གྱི་ལོ་སྐལ་གཞན་ལ་སྟེར་བ།
ཕ་མ་མང་པོ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུ་རྣམས་ལ་བོད་ཀྱི་ཆོས་གོས་དང་ལོ་སར་གཏོང་སྲོལ་སོགས་ངོ་སྤྲོད་བྱེད་ཆེད་ལོ་སར་འདུ་འཛོམས་ཀྱི་ཐོག་ཏུ་ཁྲིད་དེ་ཡོང་ཡོད་པ་རེད། ཕ་མ་མང་པོ་ཞིག་གི་ལོ་སར་གྱི་འདུ་འཛོམས་ནི་གོ་སྐབས་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག





