ང་ཚོའི་མི་རིགས་ཀྱི་འཆི་གསོན་གྱི་འགག་སྒོ་ནི་རང་རིགས་ཀྱི་བོད་སྐད་ཡིག་དེ་ཡིན། དེས་ན་དེང་གི་དུས་སུ་རང་རེའི་སྐད་ཡིག་ཀྱི་ཟད་མཐའ་མེད་པའི་ནུས་ཤུགས་སྤྱད་དེ་རང་མི་རིགས་ལ་ཞབས་འདེགས་སྒྲུབ་མཁན་གྱི་མཁས་པ་རྣམས་ནི་རིམ་བཞིན་རྟ་མདུན་ཆུ་ལྷའི་ཕག་ཏུ་ཞུགས་པ་བཞིན་ང་ཚོ་ལ་གྱེས་ཁའི་ཕྱག་གཡུག་མཛད་བཞིན་འདུག །ད་ལྟ་ང་ཚོས་རང་གི་སྐད་ཡིག་ལ་ཤི་འཐམ་རོ་འཐམ་མ་བྱས་ཚེ། རང་ཉིད་ཀྱི་ངོ་བོ་ཡོངས་སུ་བརླག་པའི་དུས་ཤིག་ཤར་ནས་འགྱོད་པའི་གླིང་དུ་ལྷུང་དུས་ཕྱིས་དྲགས་པ་རེད།
དེར་བརྟེན། དེ་རིང་གུས་མོས་ང་ཚོའི་བཅར་འདྲིའི་ལེ་ཚན་འདིར་ལོ་མང་རང་མི་རིགས་ཀྱི་སྐད་དང་རིག་གཞུང་ཐད་ཞབས་འདེགས་ལྷད་མེད་བསྒྲུབས་མྱོང་མཁན་མི་རབས་རྒན་པའི་ཁྲོད་ཀྱི་མེ་ལོང་ལྟ་བུའི་མཁས་པ་ངམ་རིང་བློ་བཟང་བསྟན་དར་ལགས་ལ་ཉེ་ཆར་བོད་ཀྱི་དཔེ་མཛོད་ཁང་ནས་པར་བསྐྲུན་མཛད་པའི་ཁོང་གི་ཕྱག་དེབ་འཛམ་གླིང་གི་སྤྱི་ནོར་ཞེས་པ་དེ་ཉིད་ཀྱི་ནང་དོན་ལས་འཕྲོས་དེ་རིན་ཐང་ཆེ་བའི་དགོངས་ཚུལ་འགའ་བཀའ་འདྲི་ཞུ་རྒྱུ་ཡིན་པས། གསན་མཁན་རྣམས་པ་ཚོས་གོ་སྐབས་བླ་ན་མེད་པ་ཞིག་ཏུ་མཁྱེན་ནས་བརྒྱུད་སྤེལ་གནང་རོགས།













