༄༅། །ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས་ཨ་རིའི་མཱར་ཀོ་རུ་བྷི་ཡོ་དང་ལྷན་དུ་ཨི་རན་གྱི་དམག་འཁྲུག་མུ་མཐུད་ཆེ་རུ་འགྲོ་བར་བར་གཅོད་དགོས་པའི་རེ་སྐུལ་གནང་ཡོད། News

Penny Wong

ཕྱི་སྲིད་བློན་ཆེན་པེ་ནི་ཝོང་ཨོ་སི་ཊེ་ལི་ཡའི་རྒྱལ་དར་ཁྲ་ཡོལ་སྔོ་ནག་གཅིག་གི་མདུན་དུ་བཞེངས་ནས་ཡོད་པ། Source: EPA / AAP Image/KITH SEREY/EPA

ཝང་གིས་ཁོང་དང་ཨ་རིའི་རྒྱལ་དོན་དྲུང་ཆེ་གཉིས་ཀྱིས་ཨི་རན་གྱིས་ཧོར་མུ་ཛུ་མཚོ་འགག་གཏའ་མར་ཉར་རྒྱུ་ལས། འགོག་ཐབས་བྱེད་པ་ལ་རྒྱལ་སྤྱིའི་འབད་བརྩོན་ནི་མི་རུང་བ་ཡིན་པར་མོས་མཐུན་བྱས་ཡོད་ཅེས་གསུངས་ཡོད།


གཙོ་གནད།

  • ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས་ཨ་རིའི་རྒྱལ་དོན་དྲུང་ཆེ་མཱར་ཀོ་རུ་བྷི་ཡོ་དང་མཉམ་དུ་གླེང་མོལ་བྱུང་ཡོད།
  • ཁོང་གཉིས་ཀྱིས་དབུས་ཤར་གྱི་དམག་འཁྲུག་སྐབས་ཨི་རན་གྱིས་སྒོ་བརྒྱབ་པའི་ཧོར་མུ་ཛུ་འགག་སྒོའི་སྐོར་ལ་གྲོས་བསྡུར་བྱུང་སོང་ཞེས་བརྗོད་ཡོད།
  • ཕྱི་སྲིད་བློན་ཆེན་པེ་ནི་ཝོང་གིས་ཨོ་སི་ཊེ་ལི་ཡའི་ངོས་ནས་དམག་འཁྲུག་མུ་མཐུད་ཆེ་རུ་འགྲོ་བ་མཐོང་འདོད་མེད་ཅེས་ཨ་རིའི་ལས་རོགས་མཱར་ཀོ་རུ་བྷི་ཡོ་ལ་གསུངས་ཡོད།

ཝོང་གིས་རེས་གཟའ་པ་སངས་ཀྱི་ཞོགས་པར་ཨ་རིའི་རྒྱལ་དོན་དྲུང་ཆེ་མཱར་ཀོ་རུ་བྷི་ཡོ་དང་མཉམ་དུ་གླེང་མོལ་བྱས་ཤིང་། དབུས་ཤར་གྱི་དམག་འཁྲུག་དང་ཨི་རན་གྱིས་ཨ་རི་དང་ཨི་སི་རལ་གྱི་ཟླ་བ་གཉིས་པའི་ནང་ཐོག་མར་རྒོལ་རྡུང་བྱས་པ་ལ་ཡ་ལན་དུ་སྤེལ་བའི་བྱ་སྤྱོད་ཇེ་ཆེར་འགྲོ་བཞིན་པའི་སྐོར་ལ་གྲོས་བསྡུར་བྱས་ཡོད།

ཁོང་གཉིས་ཀྱིས་འཛམ་གླིང་གི་རྡོ་སྣུམ་དང་རླངས་རྫས་ཕྱིར་ཚོང་གི་ལྔ་ཆ་གཅིག་ཙམ་སྐྱེལ་འདྲེན་བྱེད་པའི་ལམ་ཁ་གལ་ཆེན་ཞིག་ཡིན་པའི་ཧོར་མུ་ཛུ་མཚོ་འགག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེས་གོ་ལའི་དཔལ་འབྱོར་དང་ནུས་རྫས་ཀྱི་ཐོན་བསྐྱེད་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་སྐོར་ལ་གྲོས་བསྡུར་བྱས་ཡོད།"

ཝང་གིས་ཧོར་མུ་ཛུ་མཚོ་འགག་གི་ཚོང་དོན་གྲུ་གཟིངས་ལ་གཏོར་རྒོལ་བྱས་པར་སྐྱོན་བརྗོད་བྱས། བྱ་སྤྱོད་དེས་འཛམ་གླིང་གི་སྣུམ་དང་རྡོ་སྣུམ་གྱི་རིན་གོང་གློ་བུར་དུ་འཕར་བའི་རྒྱུ་རྐྱེན་དུ་གྱུར་ཡོད།

"རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་མཉམ་ལས་ཀྱིས་གལ་ཆེའི་མཚོ་ལམ་དེ་ཨི་རན་སྲིད་གཞུང་གིས་གཏའ་མར་བཟུང་རྒྱུའི་གནས་བབ་མི་འབྱུང་བར་འབད་བརྩོན་བྱེད་དགོས་པར་ང་ཚོ་མོས་མཐུན་བྱུང་།" ཞེས་ཁོང་གིས་བསྒྲགས་གཏམ་ཞིག་ཏུ་བརྗོད་ཡོད།

"ཨོ་སི་ཊེ་ལི་ཡའི་ངོས་ནས་དམག་འཁྲུག་དེ་ཇེ་སྡུག་ཏུ་འགྲོ་བ་མཐོང་འདོད་མེད།"

སྐད་ཆ་འདི་ཝང་གིས་ཡུ་རོབ་མཐུན་ཚོགས་དང་། མ་ལེ་ཤི་ཡ། སིང་ག་པོར། ལྷོ་ཀོ་རི་ཡ་བཅས་ཀྱི་འཐུས་མི་དང་ལྷན་དུ་བདུན་ཕྲག་ཧྲིལ་པོར་དེ་མཚུངས་ཀྱི་བགྲོ་གླེང་བྱུང་བའི་རྗེས་སུ་བྱུང་བ་རེད།

ཁོང་གིས་ཨི་རན་གྱི་དམིགས་བསལ་མཚོ་འགག་ཁུལ་གྱི་བྱ་སྤྱོད་དེ་དག་གིས་ "ཁྱིམ་ཚང་དང་། བཟོ་ལས་ཁང་། མཁོ་སྤྲོད་བརྒྱུད་ལམ་" ལ་གནོན་ཤུགས་སྤྲད་ཡོད་པ་བརྗོད།

ཨོ་སི་ཊེ་ལི་ཡའི་ཉེར་སྤྱོད་དང་འགྲན་རྩོད་ལྷན་ཚོགས་ཀྱིས་སྤྱི་ཟླ་ ༢ ཚེས་ ༢༠ ནས་སྤྱི་ཟླ་ ༣ ཚེས་ ༡༡ བར་གྱི་རྡོ་སྣུམ་གྱི་རིན་གོང་འཕར་ཚད་དེ་ཨོ་སི་ཊེ་ལི་ཡའི་རྒྱལ་ས་ཁག་ཏུ་ཧེ་བག་ཆེན་པོ་བྱུང་ཡང་། ཆ་སྙོམས་སུ་ཧ་ལམ་སེན་ཊེ་ ༥༠ ཙམ་འཕར་ཡོད།

མཚོ་འགག་གི་འཁྲུག་ཟིང་ནང་ཨོ་སི་ཊེ་ལི་ཡ་མཉམ་ཞུགས་མེད་པ་དེ་མངོན་གསལ་དོད་པོར་གྱུར།

ཨི་རན་གྱིས་གཏོར་རྒོལ་རྒྱུན་མཐུད་བྱས་རྗེས་སང་ཞོགས་དེར་དབྱིན་ཇི་དང་། ཉི་ཧོང་། ཧྥ་རན་སི། འཇར་མན། ཨི་ཊ་ལི། ཧོ་ལན་ཌི་བཅས་ཀྱིས་ས་ཁུལ་དེར་ཧོར་མོར་ཛུ་མཚོ་འགག་སྒོ་ཕྱེ་རྒྱུར་རོགས་རམ་བྱེད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་ཡོད།"

གསལ་བསྒྲགས་དེའི་ནང་ང་ཚོས་མཚོ་འགག་བརྒྱུད་ནས་བདེ་འཇགས་ངང་འགྲུལ་བསྐྱོད་ཐུབ་པའི་འོས་འཚམས་ཀྱི་འབད་བརྩོན་ལ་མཉམ་ཞུགས་བྱེད་འདོད་ཡོད་པ་གསལ་བརྗོད་དང་མཉམ་ཞུགས་ཀྱི་གྲ་སྒྲིག་གི་འཆར་གཞི་ཡོད་མཁན་གྱི་རྒྱལ་ཁབ་ཚོར་དང་ལེན་ཡོང་རྒྱུར་དགའ་བསུ་ཞུ་གི་ཡོད་ཅེས་འཁོད་ཡོད།

ཕྱོགས་འགལ་ཚོགས་པའི་བདེ་སྲུང་སྐུ་ཚབ་ཇེམ་སི་པ་ཊར་སན་གྱིས་ཨོ་སི་ཊེ་ལི་ཡ་ནི་"མཉམ་ཞུགས་མེད་པ་དེ་མངོན་གསལ་དོད་པ་"དང་། སྲིད་གཞུང་ལ་"ལས་འགུལ་ནང་མཉམ་ཞུགས་" མེད་དོན་ཅི་ཡིན་པ་འགྲེལ་བཤད་རྒྱག་དགོས་པར་སྐུལ་མ་བྱས་ཡོད།

ཁོང་གིས་ "ལོ་རྒྱུས་ནང་རྡོ་སྣུམ་གྱི་རིན་གོང་མཐོ་ཤོས་སུ་སླེབས་ཡོད་པ་དང་། ཆེད་མཁས་པ་ཚོས་ལུད་རྫས་དང་སྣུམ་རྫས་ལྟ་བུའི་དངོས་ཟོག་གལ་ཆེན་གཞན་ཁག་ལ་མི་འདང་བར་འགྱུར་རྒྱུའི་ཉེན་ཁ་ཡོད་པའི་ཉེན་བརྡ་གཏོང་བཞིན་པའི་སྐབས་དེར། ཨོ་སི་ཊེ་ལི་ཡའི་རྒྱལ་ཁབ་ཀྱི་ཁེ་ཕན་གང་དུ་ཡོད་པ་གསལ་པོ་ཡིན།" ཞེས་བརྗོད་ཡོད།

James P.png
ཕྱོགས་འགལ་ཚོགས་པའི་བདེ་སྲུང་སྐུ་ཚབ་ཇེམ་སི་པ་ཊར་སན།

ཕྱོགས་འགལ་ཚོགས་པའི་བདེ་སྲུང་སྐུ་ཚབ་ཇེམ་སི་པ་ཊར་སན་གྱིས་ཨོ་སི་ཊེ་ལི་ཡས་ཧོར་མུ་ཛི་མཚོ་འགག་གི་བདེ་འཇགས་ཆེད་རྒྱལ་སྤྱིའི་འབད་བརྩོན་ལ་མཉམ་ཞུགས་བྱེད་དགོས་པར་སྐུལ་མ་བྱས་ཡོད། པར་ཁུངས། ཨེ་པི་པི།

སྲིད་གཞུང་ལ་ལས་ཀ་ཚགས་ཚུད་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་སུ། སྲིད་བློན་ཨན་ཐོ་ནི་ཨལ་བྷ་ནི་སིས་གལ་ཆེའི་རྟོགས་ཞིབ་ནུས་པ་ཡོད་པའི་གནམ་གྲུ་ ཨི་-བདུན་པ། ་མཚོ་ཁོངས་དེའི་མཁའ་དབྱིངས་སུ་བཏང་ཡོད་པར་མཛུབ་སྟོན་བྱས་ཡོད།

སྲིད་བློན་ཁོང་གིས་གཟའ་པ་སངས་ཉིན། "ང་ཚོས་ཧོར་མུ་ཛུ་མཚོ་འགག་སྒོ་ཕྱེ་རྒྱུར་སྒུག་ཡོད།" ཅེས་དང་།

"ང་ཚོས་རྒྱབ་སྐྱོར་སྤྲོད་བཞིན་ཡོད་པ་དང་། ས་ཁུལ་དེའི་ནང་དུ་གནམ་གྲུ་ཨི་-བདུན་པ་དང་། མཉམ་འབྲེལ་ཨ་རབ་རྒྱལ་ཁབ་ལ་སྤྲད་པའི་ཨེམ་ཨར་ཨེ་ཨེམ་མེ་ཤུགས་འཕུར་མདའ་བཅས་ཡོད། ང་ཚོས་མཐུན་གྲོགས་རྒྱལ་ཁབ་དང་མཉམ་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་། ཡང་བསྐྱར་ཨི་རན་སྲིད་གཞུང་ལ་མཚོ་ཐོག་འགྲོ་བསྐྱོད་རང་དབང་ལ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།" ཅེས་གསུངས་སོ།། །།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now