Watch FIFA World Cup 2026™

LIVE, FREE and EXCLUSIVE

༄༅། །ཨོ་སི་ཊེ་ལི་ཡའི་བུད་མེད་རྣམས་ཀྱི་ཆེད་ཁྲིམས་མཐུན་ཞབས་ཞུ། Australia Explained

Australia Explained - Womens Legal

བུད་མེད་ཀྱི་ཁྲིམས་ལུགས་ཞབས་ཞུ་ཡིས་བུད་མེད་ཚོས་དགོས་མཁོ་ཆེ་ཤོས་སྐབས་སུ་རྒྱབ་སྐྱོར་འཐོབ་པར་བྱེད། Credit: པར་ཁུངས། གྷི་ཊི་པར་རིས།

ལས་གནས་ཀྱི་དབྱེ་འབྱེད་དང་། ཕོ་མོའི་ཁྱད་པར་གྱི་གཉའ་གནོན། དཔལ་འབྱོར་མི་ཉམས་པ་བཅས་ནི་བུད་མེད་ཚོར་དམིགས་བསལ་གྱི་ཁྲིམས་དོན་ཞབས་ཞུ་དགོས་པའི་རྒྱུ་མཚན་འགའ་ཤས་ཤིག་ཡིན། ཁྲིམས་ཐོག་ཀྱི་ཞབས་ཞུ་ལེན་པར་ཁྱེད་རང་ཁེང་རྐྱང་ཡིན་དགོས་དོན་མེད། ཨོ་སི་ཊེ་ལི་ཡའི་ནང་རིན་མེད་ཁྲིམས་དོན་ཞབས་ཞུ་ཡོད་པ་དེ་དག་གིས་གཉའ་གནོན་མྱོང་བཞིན་པའི་བུད་མེད་ཚོའི་ཆེད་དུ་ཉེས་མེད་དང་གསང་བ་དམ་པོ། རིག་གཞུང་དང་མཐུན་པ་བཅས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།


གཙོ་གནད།
  • བུད་མེད་ཚོར་ལས་ཀའི་དབྱེ་འབྱེད་དང་། ཁྱིམ་ཚང་གི་དྲག་སྤྱོད། དཔལ་འབྱོར་མི་མཉམ་པ་སོགས་སྐྱེས་པ་དང་མི་འདྲ་བའི་ཁྲིམས་ལུགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད།
  • བུད་མེད་ཀྱི་ཁྲིམས་དོན་ཞབས་ཞུ་ཁང་ཁག་གིས་བདེ་འཇགས་དང་གསང་དོན་སྲུང་སྐྱོབ་ལ་གཙོ་འདོན་བྱེད་ཀྱི་ཡོད།
  • འོས་ཆོས་ཚང་བའི་བུད་མེད་ཚོར་རྒྱལ་ཡོངས་སུ་རིན་མེད་ཞབས་ཞུ་མཁོ་སྤྲོད་བྱེད་ཀྱི་ཡོད།
  • ཆེད་ལས་ཀྱི་ཞབས་ཞུ་ཁང་ཁག་གིས་གཞིས་སྤོ་བ་དང་སྐྱབས་བཅོལ་བའི་རྒྱབ་ལྗོངས་ཅན་གྱི་བུད་མེད་དང་། གདོད་རིགས་མི་མང་གི་བུད་མེད་ཚོར་རོགས་རམ་བྱེད་ཀྱི་ཡོད།

Iམི་མང་ཆེ་བས་ཨོ་སི་ཊེ་ལི་ཡའི་ཁྲིམས་ལུགས་སྒྲོམ་གཞི་ལ་གོ་རྟོགས་ཐུབ་རྒྱུ་ཁག་པོ་ཡོད། དམིགས་བསལ་བུད་མེད་ཚོར་དཀའ་ངལ་དེ་བས་ཆེ་བ་ཡོད། བུད་མེད་ཚོ་ཁྲིམས་ཀྱི་རྒྱབ་སྐྱོར་མང་བ་དགོས་པ་མ་ཟད། རྒྱབ་སྐྱོར་འཐོབ་ཐབས་བྱེད་པར་འགོག་རྐྱེན་འཕར་མ་མང་པོ་འཕྲད་ཀྱི་ཡོད།

དཀའ་ངལ་དེ་དག་སེལ་ཆེད། བུད་མེད་ཁྲིམས་ལུགས་ཞབས་ཞུ་ཆེད་ལས་ཁང་གིས་བུད་མེད་ཚོར་ཁོ་ཚོར་དགོས་མཁོ་ཆེ་ཤོས་ཀྱི་སྐབས་སུ་རྒྱབ་སྐྱོར་འཐོབ་ཐུབ་པ་བྱེད་ཀྱི་ཡོད།

བུད་མེད་ལ་ཁྲིམས་ཀྱི་རྒྱབ་སྐྱོར་དམིགས་བསལ་དགོས་སམ།

ཨོ་སི་ཊེ་ལི་ཡའི་བུད་མེད་ཁྲིམས་ལུགས་ཞབས་ཞུ་ལས་ཁུངས་ཀྱི་འགན་འཛིན་ཨེ་ཌྲ་རིན་ཝོལ་ཊར་གྱིས་བུད་མེད་ཚོར་སྐྱེས་པ་ཚོ་དང་མི་འདྲ་བའི་ཁྲིམས་ལུགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པར་གསུངས་ཡོད།

"དེ་ནི་ང་ཚོའི་མི་ཚེའི་ནང་དྲག་སྤྱོད་དང་དབྱེ་འབྱེད་མང་བ་མྱོང་དགོས་ཀྱི་ཡོད་པའི་རྐྱེན་གྱི་རེད། དེར་བརྟེན་བུད་མེད་ཚོས་ཁྱིམ་ཚང་དང་། ནང་མི། འཁྲིག་སྤྱོད་སོགས་ཀྱི་དྲག་སྤྱོད་མང་བ་མྱོང་གི་ཡོད། ང་ཚོ་ཕལ་མོ་ཆེ་ཕྲུ་གུ་ཚོའི་ལྟ་སྐྱོང་བྱེད་མཁན་གཙོ་བོའི་ཆགས་འགྲོ་གི་ཡོད་པས་དཔལ་འབྱོར་གསོག་སྒྲུབ་ཀྱི་གོ་སྐབས་ཉུང་བ་དང་དེ་མཐུན་རྒྱུ་ནོར་ཡང་ཉུང་བ་ཡོད།"

གལ་ཏེ་ཁྱེད་རང་ལ་ཁྲིམས་ལ་གཏུགས་དགོས་པའི་དཀའ་ངལ་ཞིག་ཡོད་པ་དང་ཁྲིམས་རྩོད་པ་གླ་མ་ཐུབ་ན། རང་གི་མངའ་སྡེ་དང་ས་ཁུལ་གྱི་བུད་མེད་ཁྲིམས་ལུགས་ཞབས་ཞུ་ལས་ཁུངས་ཀྱིས་རྨས་སྐྱོན་དང་ཕོ་མོའི་ཁྱད་པར་ལས་བྱུང་བའི་དཀའ་ངལ་ལ་དམིགས་པའི་ཞབས་ཞུ་མཁོ་སྤྲོད་བྱེད་ཀྱི་ཡོད།

ཁོ་ཚོས་ཁྱེད་ལ་རོགས་རམ་བྱེད་མ་ཐུབ་ཚེ་་རོགས་རམ་བྱེད་ཐུབ་མཁན་ཚོགས་པ་གཞན་དག་ལ་ཡང་ངོ་སྤྲོད་བྱེད་ཀྱི་རེད།

Australia Explained - Womens Legal
བུད་མེད་ཚོ་སྐྱེས་པ་དང་མི་འདྲ་བའི་ཁྲིམས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། Credit: པར་ཁུངས། གྷི་ཊི་པར་རིས།

ཁྱིམ་ཚང་གི་དྲག་སྤྱོད་དང་འབྲེལ་བའི་རོགས་རམ་སུ་ཡིས་བྱེད་ཐུབ་བམ།

ཁྱེད་ཀྱི་མངའ་སྡེ་དང་ས་ཁུལ་དུ་བུད་མེད་ཁྲིམས་ལུགས་ཞབས་ཞུ་ཁང་ཞིག་ཡོད་པ་ཁོ་ཚོས་རོགས་རམ་བྱེད་མ་ཐུབ་ཚེ། ཞབས་ཞུ་ཁང་གཞན་ལ་འཚམས་སྦྱོར་བྱེད་ངེས། ཁོ་ཚོས་དུས་ཚོད་བཟོས་ནས་ཁྱིམ་ཚང་གི་དྲག་སྤྱོད་ཀྱི་བཀའ་རྒྱ་དང་ཁྱིམ་ཚང་གི་ཁྲིམས་ལུགས་ཀྱི་རྩོད་རྙོག་ཐད། ཁྱེད་དང་མཉམ་དུ་ཁྲིམས་ཁང་དུ་འགྲོ་བའི་ཁྲིམས་རྩོད་པ་ཞིག་བཀོད་སྒྲིག་བྱེད་ཐུབ།

རྒྱང་རིང་གི་ས་ཁུལ་དུ་ཡོད་པའི་བུད་མེད་ཚོར་དྲ་ཐོག་ནས་རོགས་རམ་ཡོད། བུད་མེད་ཁྲིམས་ལུགས་ཞབས་ཞུ་ནི་རིན་མེད་ཡིན་པ་དང་གནད་དོན་སྣ་ཚོགས་ཐོག་བདེ་འཇགས་དང་གསང་བའི་རྒྱབ་སྐྱོར་བྱེད་ཀྱི་ཡོད།

“སྤྱིར་བཏང་ང་ཚོས་ཁྱིམ་ཚང་གི་ཁྲིམས་དང་། ནང་མིའི་དྲག་སྤྱོད། འཁྲིག་སྤྱོད་ཀྱི་དྲག་སྤྱོད་ལ་ལན་འདེབས་པ། བྱིས་པའི་སྲུང་སྐྱོབ་བཅས་ཀྱི་དཀའ་ངལ་ལ་ཆེད་ལས་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོའི་ཞབས་ཞུ་མང་པོ་ཞིག་ལ་གཞིས་སྤོས་ལས་རིམ་ཆེད་ལས་པ་ཡང་ཡོད།” ཅེས་ཨེ་ཌཱ་རིན་ཝོལ་ཊར་སི་ཡིས་འགྲེལ་བཤད་གནང་།

ང་ཚོས་གནས་སྐབས་ཀྱི་མཐོང་མཆན་ཡོད་པའི་བུད་མེད་ཚོར་དྲག་སྤྱོད་ལས་གཡོལ་ཐབས་བྱེད་པར་རོགས་རམ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོ་གཞིས་སྤོ་དང་། ཁྱིམ་ཚང་གི་ཁྲིམས། ནང་མིའི་དྲག་སྤྱོད་ཀྱི་མ་ལག་རྙོག་འཛིང་ཆེ་བ་འདི་དག་བརྒྱུད་ནས་འགྲོ་བར་རོགས་རམ་བྱེད་ཀྱི་ཡོད།
ཨེ་ཌི་རེན་ཝོལ་ཊར་སི།

རྒྱབ་སྐྱོར་ལས་བྱེད་པ་མང་པོ་ཞིག་གིས་ད་དུང་གདོད་རིགས་མི་མང་ལ་ཞབས་ཞུའི་ཆེད་ལས་དང་ལས་ཀའི་གནད་དོན་ཐོག་རོགས་རམ་བྱེད་ཐུབ།

ལས་ཀའི་ཐོབ་ཐང་དང་འབྲེལ་བའི་རོགས་རམ་སུ་ཡིས་བྱེད་ཐུབ་བམ།

ལས་ཀའི་ནང་དོན་རྐྱེན་ཞིག་བྱུང་སྐབས་ལས་ཀའི་ཐོབ་ཐང་དང་འབྲེལ་བའི་གནས་སྟངས་གང་ཞིག་བྱུང་པ་དེ་ཁྲིམས་ཀྱི་མེ་འོབས་ཤིག་དང་འདྲ་བར་ཚོར་སྲིད། འོན་ཀྱང་ལས་ཀ་བྱེད་སར་བུད་མེད་ཚོར་ཆེད་མངགས་རྒྱབ་སྐྱོར་ཞབས་ཞུ་ཡོད།

ཨོ་སི་ཊེ་ལི་ཡའི་ས་ཆ་མང་པོར་ལས་ཀ་བྱེད་མཁན་བུད་མེད་ཀྱི་ལྟེ་གནས་མང་པོ་ཡོད་པ་དང་། དེ་དག་གིས་རིན་མེད་ངང་གསང་རྒྱ་ཡོད་པའི་ཐོག་ཁྲིམས་ཀྱི་ལམ་སྟོན་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་ལས་ཀའི་ནང་དུ་འཁྲིག་སྤྱོད་ཀྱི་བརྙས་བཅོས་དང་། དབྱེ་འབྱེད། ཡང་ན་ལུགས་མཐུན་མིན་པའི་ཕྱིར་འབུད་བྱས་པ་བཅས་ཀྱི་ཉམས་མྱོང་བྱུང་ཚེ། ཁྱེད་ལ་ཁྲིམས་ཐོག་ཀྱི་གདམ་ཀ་དང་ཐོབ་ཐང་འགྲེལ་བརྗོད་བྱེད་མཁན་ས་གནས་ལས་ཀ་བྱེད་མཁན་བུད་མེད་ཀྱི་ལྟེ་གནས་ཁང་ཁག་ཡོད།

Australia Explained - Womens Legal
ཨོ་སི་ཊེ་ལི་ཡའི་ནང་གི་བུད་མེད་ལས་ཀ་བྱེད་མཁན་གྱི་ལྟེ་གནས་ཁང་ཁག་གིས་རིན་མེད་ངང་གསང་རྒྱ་ཡོད་པའི་ཁྲིམས་ཀྱི་སློབ་སྟོན་མཁོ་སྤྲོད་བྱེད་ཀྱི་ཡོད། Credit: པར་ཁུངས། གྷི་ཊི་པར་རིས།

ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་ལས་ཀ་བྱེད་མཁན་གྱི་བུད་མེད་ཚོའི་ལྟེ་གནས་ཀྱི་རྒྱབ་སྐྱོར་བ་དང་སྲིད་བྱུས་པ་ཨེ་ར་ཕིར་ཌྷོའོ་སི་ཡིསྲ ལས་ཀ་བྱེད་སར་བུད་མེད་ཚོར་དཀའ་ངལ་མི་འདྲ་བ་འཕྲད་ཀྱི་ཡོད་པས། ཕོ་མོའི་ཁྱད་པར་ལས་བྱུང་བའི་དཀའ་ངལ་ལ་རོགས་རམ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན།“ཞེས་གསུངས།

བུད་མེད་ལས་ཀ་བྱེད་མཁན་གྱི་ལྟེ་གནས་ཀྱི་དམིགས་ཡུལ་ནི་ཚོགས་པ་སྐྱིད་སྡུག་མེད་པའི་བུད་མེད་དང་། མ་ནིང་གི་ཁོངས་གཏོགས་ལས་མི་ཚོར་རང་ཉིད་ཀྱི་ཚོགས་པ་སྐྱི་སྡུག་ཁག་གི་ནང་ཞུགས་རྒྱུའི་གོ་སྐབས་བྱུང་མེད་སྲིད་པས། དེ་དག་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་དང་ལམ་སྟོན་འཐོབ་པ་བྱེད་རྒྱུ་དེ་ཡིན། ”

ལས་ཀའི་གནད་དོན་རྣམས་གཞིས་སྤོ་བ་དང་། སྐྱབས་བཅོལ་བ། ཡང་ན་གདོད་རིགས་མི་མང་གི་མི་ཞིག་ཡིན་ན་རྙོག་འཛིང་ཆེ་རུ་འགྲོ་སྲིད།

“ལྟེ་གནས་ཁང་ཁག་ཏུ་ཡོང་མཁན་གྱི་བུད་མེད་མང་པོ་ཞིག་གླ་ཆ་ཧ་ཅང་དམའ་བ་དང་། དུས་ཚོད་ངེས་མེད་ཀྱི་བཟོ་ལས་དང་མཉམ་འབྲེལ་མེད་པའི་ལས་ཀ་བྱེད་ས་ནས་ཡོང་གི་ཡོད། བུད་མེད་ཚོས་ང་ཚོར་བཤད་པའི་གནད་དོན་རྣམས་ཧ་ཅང་རྙོག་འཛིང་ཆེན་པོ་ཡིན་པས་དེ་དག་གི་བརྒྱུད་རིམ་རྣམས་གང་ཟག་གཅིག་ཁོ་ནས་འགྲོད་ཐུབ་པ་ཞིག་མིན།”

ང་ཚོའི་ལྟེ་གནས་སུ་ཡོང་མཁན་འཁྲིག་སྤྱོད་ཀྱི་སུན་གཙེར་མྱོང་མཁན་གྱི་བུད་མེད་དེ་ཉིད་གནད་དོན་དེའི་སྐོར་ཞུ་གཏུག་བྱས་པར་བརྟེན་ཕྱིར་ཕུད་བཏང་བ་དང་། ཡང་ན་གླ་ཆ་འཕྲོག་བཅོམ་བྱས་པའི་དཀའ་ངལ་ཡང་ལྷན་དུ་མྱང་ཡོད་སྲིད།
ཨེ་ར་ཕིར་ཌོ་སི།

ཁྱེད་ཀྱི་ས་གནས་ཀྱི་བུད་མེད་ཀྱི་བདེ་དོན་ལས་ཁུངས་དེས་ཁྱེད་རང་སྡོད་གནས་དང་སྤྱི་ཚོགས་ཞབས་ཞུ་སོགས་རྒྱབ་སྐྱོར་གཞན་དག་དང་འབྲེལ་མཐུད་བྱེད་ཐུབ།

གཞིས་སྤོ་བ་དང་སྐྱབས་བཅོལ་བུད་མེད་ལ་ཆེད་དུ་དམིགས་པའི་ཁྲིམས་མཐུན་ཞབས་ཞུ་ཡོད་དམ།

གཞིས་སྤོ་དང་སྐྱབས་བཅོལ་བའི་རྒྱབ་ལྗོངས་ཡོད་པའི་བུད་མེད་ཚོས་གནས་སྤོའི་བདེ་འཇགས་དང་། དཔལ་འབྱོར་གྱི་གནོན་ཤུགས། ཡང་ན་ཁྱིམ་ཚང་གི་དྲག་སྤྱོད་ལ་གདོང་ལེན་བྱེད་སྐབས་དཀའ་ངལ་འཕར་མ་མང་པོ་འཕྲད་ཀྱི་ཡོད།

ཝོལ་ཊར་སི་ལགས་ཀྱིས་བུད་མེད་ཀྱི་ཁྲིམས་མཐུན་ཞབས་ཞུའི་ལྟེ་གནས་ཁག་གིས་གནས་སྤོའི་མ་ལག་ལ་ལམ་སྟོན་བྱེད་ཐུབ་པར་བཤད་ཡོད།

“ཁོང་ཚོས་དམིགས་བསལ་གྱིས་དྲག་སྤྱོད་མྱོང་བཞིན་པའི་དུས་ཐུང་མཐོང་མཆན་ཡོད་པའི་བུད་མེད་ཚོ་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོར་ཁྱིམ་ཚང་གི་ཁྲིམས་དང་གཞིས་སྤོའི་གནས་བབ་གཉིས་ཀ་བརྒྱུད་ནས་ཉེན་ཁ་མེད་པའི་སྒོ་ནས་དྲག་སྤྱོད་ཅན་གྱི་འོག་ནས་ཐར་བར་རོགས་རམ་བྱེད་ཀྱི་ཡོད།”

ཨིན་ཊཱ་ཆ་བུད་མེད་ཀྱི་ཁྲིམས་མཐུན་ལྟེ་གནས་དེ་རྒྱལ་ཡོངས་དཔལ་འབྱོར་སྤྱི་མཐུན་དང་། ཝིག་ཊོ་རི་ཡ་གཞུང་གིས་མ་དངུལ་བཏང་ནས་བཙུགས་ཡོད་པ་དང་། དེ་ནི་གཞིས་སྤོ་དང་སྐྱབས་བཅོལ་བུད་མེད་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཁྲིམས་མཐུན་ཞབས་ཞུ་ཞིག་རེད།

“གཞིས་སྤོ་དང་སྐྱབས་བཅོལ་བུད་མེད་ཀྱི་དཀའ་ངལ་གཙོ་བོ་ཞིག་ནི། ཨོ་སི་ཊེ་ལི་ཡའི་ཁྲིམས་ལུགས་དང་གཞུང་གི་ལས་ཁུངས་མ་ལག་ཁག་ཇི་ལྟར་ལས་ཀ་བྱེད་མིན་གྱི་གོ་རྟོགས་མེད་པ་དེ་རེད།”ཅེས་ཁྲིམས་རྩོད་པ་གཙོ་བོ་ཨ་ཇི་སི་ལ་སི་སི་ཀོ་ཝིཅ་ལགས་ཀྱིས་གསུངས་ཡོད།

“འདི་ནི་ཡ་མཚན་སྐྱེ་གཞི་ཞིག་མ་རེད། རྒྱུ་མཚན་ནི་ང་ཚོའི་རོགས་སྐྱོར་ལེན་མཁན་གསུམ་ཆ་གཅིག་རྒྱལ་ཁབ་འདིའི་ནང་བསྡད་ནས་ལོ་ལྔ་ལས་ཉུང་བ་ཁོ་ན་རེད།”

དེའི་སྟེང་དུ་སྐད་ཡིག་གི་བཀག་རྡོ་བསྣན་ཚེ། ཁྲིམས་མཐུན་ངོ་ཚབ་འཚོལ་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ་རུ་འགྲོ་བ་དང་། དེའི་རྐྱེན་གྱིས་བུད་མེད་དང་ཁོང་ཚོའི་ཕྲུ་གུར་འཇུག་འབྲས་ཡག་པོ་ཡོང་གི་མེད། 

Australia Explained - Womens Legal
གཞིས་སྤོ་བ་དང་སྐྱབས་བཅོལ་བུད་མེད་ཚོས་ཁྲིམས་ཀྱི་རོགས་རམ་འཚོལ་སྐབས་འགག་རྐྱེན་འཕར་མ་འཕྲད་ཀྱི་ཡོད། Source: Moment RF / པར་ཁུངས། གྷི་ཊི་པར་རིས།

ཨིན་ཊཱཆ་བུད་མེད་ཁྲིམས་ཀྱི་ལྟེ་གནས་ཀྱིས་རིན་མེད་ཐོག་སྐད་ཡིག་དང་རིག་གཞུང་མཐུན་པའི་ཁྲིམས་ཀྱི་སློབ་སྟོན་དང་སྐུ་ཚབ་མཁོ་སྤྲོད་བྱེད་ཀྱི་ཡོད། དེ་ནི་ཁྱིམ་ཚང་དྲག་སྤྱོད་དང་། ནང་མིའི་ཁྲིམས་ལུགས་དང་། གཞིས་སྤོ་ལས་དོན་སོགས་མཉམ་དུ་འདྲེས་ཡུལ་ཞིག་ཏུ་གྱུར་ཡོད། སི་སི་ཀོ་ཝིཅ་ལགས་ཀྱིས་གསུངས་དོན།

"ཨོ་སི་ཊེ་ལི་ཡའི་ནང་ཁྱིམ་ཚང་ནང་གི་དྲག་སྤྱོད་དང་འབྲེལ་བའི་གནད་དོན་འོག་དཀའ་རྙོག་འདྲ་མིན་ཐོག་གཅིག་སྡུད་ཀྱི་རོགས་སྐྱོར་མཁོ་སྤྲོད་བྱེད་མཁན་གྱི་ལས་ཁུངས་དང་པོའི་རིགས་ཤིག་ཡིན།"

གལ་ཏེ་ཁྱེད་རང་ཝིག་ཊོ་རི་ཡར་གནས་བཞུགས་ཡིན་ན། རོགས་རམ་ཐོབ་རྒྱུའི་འོས་ཆོས་ཚང་མིན་ཐད་ཨིན་ཏཱ་ཆ་ལ་འབྲེལ་བ་གནང་རོགས།

ཁྲིམས་ཀྱི་རོགས་སྐྱོར་ཞུ་སྐབས་སྐད་ཡིག་མི་འདྲ་བའི་རྒྱབ་སྐྱོར་ཡོད་དམ།

ཝལ་ཊར་སི་ལགས་ཀྱིས་བུད་མེད་ཁྲིམས་ཀྱི་ཞབས་ཞུ་ཁང་གི་ཁྲིམས་རྩོད་པ་ཚོར་སྐད་ཡིག་གི་འགག་རྐྱེན་འཕྲད་པའི་བུད་མེད་ཚོར་རྒྱབ་སྐྱོར་བྱེད་པའི་ཆེད་དུ་སྦྱོང་བརྡར་ཡང་ཡོད་པར་གསུངས་ཡོད།

“ཁྱེད་ཀྱིས་སྐད་སྒྱུར་བ་ཞིག་མངགས་ནས་ཁྱེད་རང་གི་བཅར་འདྲི་ལ་རོགས་རམ་བྱེད་པ་དང་། ཡང་ན་ཁྲིམས་ཁང་དུ་ཁྱེད་རང་ལ་རོགས་པ་བྱེད་ཆོག གལ་ཏེ་ཁྱེད་རང་ལ་ཁྲིམས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་དང་ཡང་ན་སྐད་སྒྱུར་བ་ཞིག་གི་ཡོང་འབབ་མེད་ན། ཞབས་ཞུ་དེ་རིན་མེད་ཐོག་ནས་འཐོབ་ཐུབ་པའི་ཐབས་ལམ་མང་པོ་ཡོད།

ཁྲིམས་ཀྱི་རྒྱབ་སྐྱོར་ཞུ་རྒྱུར་ཐོག་མར་འབྲེལ་གཏུགས་བྱེད་ཡུལ།

ས་གནས་དང་ལུང་ཁུག་ཁུལ།

གཤམ་དུ་འཁོད་པའི་སྤྱི་ཚོགས་ཁྲིམས་ལུགས་ལྟེ་གནས་སམ་ཁྲིམས་ཀྱི་རོགས་སྐྱོར་འཐུས་མི་ལས་ཁུངས་ཁག་ལ་ཐད་ཀར་བཅར་བ་འམ་ཁ་པར་ཡང་ན་དྲྭ་ཐོག་རོགས་རམ་ཐོབ་ཐུབ།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Share

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now