ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་ཀྱིས་རྒྱལ་དར་གསུམ་མཉམ་དུ་ལྷབ་ལྷུབ་གཡོ་བ་མཐོང་སྲིད། དེ་དག་ནི་ཨོ་སི་ཊེ་ལི་ཡའི་རྒྱལ་དར་དང་། གདོད་རིགས་མི་དམངས་ཀྱི་དར་ཆ། ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆ་བཅས་ཡིན། གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ནི་ཨོ་སི་ཊེ་ལི་ཡར་གདོད་མ་ནས་གནས་སྡོད་བྱེད་མཁན་གྱི་ཡུལ་མི་རིགས་གཉིས་ཡིན་ཞིང་། ཁོང་ཚོར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག དར་ཆ་བཅས་ཡོད། སྐམ་ས་དང་། ཕྱི་རྒྱལ་སོགས་ཕྱོགས་གང་དུ་ཡོད་ཀྱང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་མང་པོ་ཞིག་ལ་མཚོན་ན། དར་ཆ་དེ་ནི་ཁོ་ཚོའི་ངོ་བོ་དང་གཅིག་བསྡུས་རང་བཞིན་གྱི་མཚོན་རྟགས་ཤིག་ཡིན། གཙོ་གནད།
Key Points
- ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆས་ས་གཞི་དང་། རྒྱ་མཚོ། མི་རིགས་བཅས་མཚོན་གྱི་ཡོད།
- དར་ཆ་དེ་ནི་ཕྱི་ལོ་ ༡༩༩༢ ལོར་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་སྒྱུ་རྩལ་བ་ཨ་ཁུ་བྷར་ནར་ཌི་ན་མོག་གིས་བཟོས་ཤིང་། ད་ལྟ་ཨོ་སི་ཊེ་ལི་ཡའི་རྒྱལ་དར་གསུམ་གྱི་གྲས་སུ་ཚུད་ཡོད།
- དར་ཆའི་མཚོན་མདོག་ལྗང་ཁུ་དང་། སྔོན་པོ། ནག་པོ། དཀར་པོ་བཅས་ཀྱི་ཇུས་འགོད་ནང་དུ་མགོ་རྒྱན་དང་། ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མཚོ་གླིང་ལྔའི་མཚོན་རྟགས་སྐར་མ་ཟུར་ལྔ་ཅན་ཞིག་ཡོད།
- མི་མང་མང་པོ་ཞིག་ལ་མཚོན་ན། དར་ཆ་དེ་ནི་རང་ཉིད་ཀྱི་ངོ་བོ་དང་། སྤོབས་སེམས། གསོན་གནས་ཀྱི་ནུས་པ་བཅས་ཀྱི་མཚོན་རྟགས་ཤིག་ཡིན་ཞིང་། ད་ལྟ་འཛམ་གླིང་ཡོངས་སུ་མཐོང་རྒྱུ་ཡོད།
- ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆ་གང་ནས་བྱུང་བ་རེད།
- ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆས་ག་རེ་མཚོན་གྱི་ཡོད།
- དར་ཆ་དང་མཉམ་དུ་འཚར་ལོང་བྱེད་པའི་མྱོང་སྣང་ག་འདྲ་ཡིན་ནམ།
- ང་ཚོས་དར་ཆ་དེ་གང་དུ་མཐོང་གི་ཡོད།
- དར་ཆ་དེས་མི་རབས་རྗེས་མ་ཚོར་ག་རེ་མཚོན་གྱི་ཡོད།
ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆ་ག་ནས་བྱུང་བ་རེད།
ཋོ་རི་སི་མཚོ་འགག་གླིང་ཚོགས་ནི་ཁུན་སི་ལན་ཌི་ཡི་མཚོ་འགྲམ་གྱི་རྩེ་མོ་དང་པ་པུ་ཨ་གྷུ་ཡི་ནི་ཡ་ (Papua New Guinea) བར་གྱི་མཚོ་གླིང་གི་ཁྱུ་ཚོགས་ཤིག་ཡིན། གླིང་ཕྲན་དེ་དག་ནི།
- བྱང་ཕྱོགས་སྡེ་ཁག། (བྷོ་ཡི་གུ་, ཌའུ་ན། སེ་བྷེ།)
- ཤར་ཕྱོགས་གླིང་ཕྲན། (ཨེ་རུབ། མེར། ཨུ་གྷར།)
- ནུབ་ཕྱོགས་སྡེ་ཁག། (སེན་ཊེ་པོལ། ཀུ་བྷིན། བྷ་ཌུ། མ་བྷུ་ཡག།)
- དབུས་ཕྱོགས་སྡེ་ཁག། (མ་སིག་, པོ་རུ་མ། ཝར་ར་བྷར། ལ་མ།)
- ལྷོ་ཕྱོགས་སྡེ་ཁག། (ཐར་སི་ཌེ།, ཧོན། པི་རིན་སི་ཨོ་ཧྤོ་ཝལ་སི་དང་ཧ་མོན་ཌི་མཚོ་གླིང་། ཨེན་པི་ཨེ། ཨོ་སི་ཊེ་ལི་ཡའི་སྐམ་ས་ཆེན་མོ་བཅས་ཡིན།
ཕྱི་ལོ་ ༡༩༩༢ ལོར་མཚོ་གླིང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་མང་ཚོར་ཚོགས་སྡེའི་དར་ཆ་བཟོ་རྒྱུའི་འགྲན་བསྡུར་ཞིག་གོ་སྒྲིག་བྱེད་སྐབས་ཐར་སི་ཌི་གླིང་ཕྲན་གྱི་ཨན་ཀལ་བྷར་ནར་ཌི་ན་མོག་ལ་བཟོ་བཀོད་ཀྱི་རྒྱལ་ཁ་ཐོབ།
འོན་ཀྱང་དར་ཆའི་འགྲན་བསྡུར་མཇུག་རྫོགས་རྗེས་མི་རིང་བར་འདས་གྲོངས་སུ་ཕྱིན་པར་བརྟེན་ཨན་ཀལ་བྷར་ནར་ཌི་ལ་དར་ཆ་དེ་རང་མི་རིགས་ཀྱི་མཚོན་རྟགས་སུ་གྱུར་བ་མཐོང་རྒྱུ་བྱུང་མེད། ཁོང་གི་བུ་བྷར་ནར་ཌི་གཞོན་པས་རང་ཉིད་ཀྱི་ཕ་དང་མཉམ་དུ་འབྲེལ་བ་དེ་དར་ཆ་བརྒྱུད་ནས་གསོན་པོར་ཉར་ཡོད། ཁོང་གིས་རང་ཉིད་ཀྱི་ཕ་ཡིས་ཋོ་རི་སི་མཚོ་འགག་གི་ཐར་སི་ཌི་ཞེས་པའི་གླིང་ཕྲན་དུ་ཁྱིམ་ཀྱི་ཐབ་ཚང་ནང་གི་ཅོག་ཙེ་ཞིག་གི་སྟེང་དུ་མཚན་མོ་རེ་རེར་ཇུས་འགོད་འབྲི་བཞིན་པ་མཐོང་བ་དྲན་སྣང་དུ་ཤར་གྱི་ཡོད།

ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དར་ཆས་ག་རེ་མཚོན་གྱི་ཡོད།
དར་ཆའི་ཚོན་མདོག་དང་མཚོན་རྟགས་རེ་རེར་དོན་སྙིང་ལྡན་ཡོད།
- མཚོན་མདོག་ལྗང་ཁུས་ས་གཞི་དང་།
- སྔོན་པོས་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་ཆུ།
- མཚོན་མདོག་ནག་པོས་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མི་རིགས་དང་།
- དབུ་རྒྱན་དཀར་པོས་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་རིག་གཞུང་གི་ངོ་བོ་མཚོན་གྱི་ཡོད།
- དབུ་རྒྱན་སྟེང་གི་སྐར་མ་ལྔ་ཟུར་ཅན་དེས་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་མཚོ་གླིང་གཙོ་བོ་ལྔ་མཚོན་གྱི་ཡོད།.
གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་གྱི་ཁྲིམས་ལུགས་སློབ་མ་ཊེ་རེལ་ཝི་ཊེ་ནི་ཋོ་རེ་སི་མཚོ་གླིང་དུ་སྐྱེས་ཤིང་འཚར་ལོང་བྱུང་བ་དང་། ད་ལྟ་ཊ་འོན་སི་ཝིལ་(Townsville) གྲོང་ཁྱེར་དུ་གནས་སྡོད་བྱེད་ཀྱི་ཡོད།
“ངའི་བསམ་པར་དར་ཆ་དེ་ནི་ང་ཚོའི་རིག་གཞུང་དང་ལོ་རྒྱུས་ཀྱི་ངོ་བོའི་ཆ་ཤས་ཆེན་པོ་ཞིག་རེད། ཚོར་བ་དེ་དག་མཚོན་བྱེད་ཅིག་ཡོད་པ་དེ་ཡག་པོ་འདུག ལྷག་པར་དུ་སྤྱི་ཚོགས་ཆུང་ཆུང་ཞིག་གི་ནང་དུ་དར་ཆ་དེ་མཐོང་དུས། དེས་ང་ཚོ་སུ་ཡིན་པ་དང་། ང་ཚོའི་དམིགས་ཡུལ། དེ་བཞིན་མི་སེར་སྤེལ་བའི་བཙན་འཛུལ་ནས་བཟུང་སྟེ་ང་ཚོ་ག་འདྲ་བྱས་ནས་མདུན་དུ་སྐྱོད་བཞིན་ཡོད་པ་སོགས་ཀྱི་ལོ་རྒྱུས་ཤིག་བརྗོད་ཀྱི་འདུག
“ང་ཚོའི་ཡབ་མེས་ཚོ་རྩི་ཤིང་དང་སྲོག་ཆགས་ལ་བརྩིས་པ་ལས་མི་ལ་བརྩིས་མེད། དེར་བརྟེན་ང་ལ་མཚོན་ན། དར་ཆ་འདི་ཡོད་པ་དེས་ཅི་ཞིག་བརྗོད་ཀྱི་ཡོད་པ་མངོན་གསལ་རེད། དེས་ང་རང་མི་ཞིག་ལ་ངོས་འཛིན་བྱེད་པའི་ཚོར་སྣང་ཞིག་སྟེར་གྱི་འདུག རྒྱུ་མཚན་ནི་དེས་ང་ཚོའི་མི་རིགས་མཚོན་གྱི་ཡོད།”

དར་ཆ་དང་ལྷན་དུ་འཚར་ལོང་བྱེད་པའི་མྱོང་སྣང་དེ་གང་འདྲ་ཞིག་ཡིན་ནམ།
བྷར་ནར་ཌི་དང་ཊེ་རེལ་གཉིས་ཀ་ཋོ་རེ་སི་མཚོ་གླིང་དུ་སྐྱེས་ཤིང་འཚར་ལོང་བྱུང་བ་དང་། དེ་ནི་ཁྱིམ་ཚང་གི་དྲོད་ཁོལ་དང་རིག་གཞུང་གིས་ཕྱུག་པའི་སྤྱི་ཚོགས་ཆུང་ཆུང་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད།
ཊེ་རེལ་ལ་མཚོན་ན། དར་ཆ་དེ་ནི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཡིན།
“ཁྲིམས་ཁང་དང་། དེ་བཞིན་སྐམ་ས་གཞན་དག་ཏུ་དར་ཆ་དེ་མཐོང་དུས། དེས་ང་ལ་ངོས་འཛིན་དང་ཆེ་མཐོང་ཡོད་པའི་ཚོར་སྣང་ཞིག་སྟེར་གྱི་འདུག ང་རང་སྐམ་སའི་ཕྱི་རོལ་གྱི་མཚོ་གླིང་ཆུང་ཆུང་ཞིག་ནས་ཡོང་བ་ཡིན་ནའང་། སྐམ་སའི་ཐོག་ཁྲིམས་ཁང་དང་། ས་གནས་ཀྱི་སྦྲགས་ཁང་། ད་དུང་མི་ཁ་ཤས་ཀྱི་གྱོན་གོས་སོགས་ཀྱི་སྟེང་དུ་དར་ཆ་དེ་མཐོང་དུས། དེས་སྐམ་སའི་མི་མང་ཚོས་ང་ཚོར་དགའ་ཞེན་དང་བརྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད་པ་ཚོར་གྱི་འདུག
“ང་ཚོའི་མི་དམངས་ཚོས་དར་ཆ་དེ་མཐོང་དུས་སྤོབས་སེམས་ཞིག་དང་། རེ་བ་ཞིག་སྟེར་གྱི་ཡོད། དེས་ང་ཚོ་མི་རིགས་ཤིག་ཡིན་པ་དང་། ང་ཚོའི་ལོ་རྒྱུས་དང་རིག་གཞུང་གི་ངོ་བོ་ཡོད་པ་དྲན་སྐུལ་བྱེད་ཀྱི་འདུག”
"ལྷག་པར་ང་ཚོ་ཚང་མ་ཨོ་སེ་ཊེ་ལི་ཡའི་ཆ་ཤས་ཤིག་ཡིན་པའི་ཚོར་བ་སྟེར་ཞིང་། ང་ཚོ་ཇི་ལྟར་འབྲེལ་བ་ཡོད་པ་དང་མཉམ་དུ་མདུན་དུ་སྐྱོད་བཞིན་ཡོད་པ་མཚོན་གྱི་ཡོད།" བྷར་ནར་ཌི་གཞོན་པས་ཐོག་མར་དར་ཆ་དེ་དེང་སྐབས་བཞིན་ཕྱོགས་གང་སར་མེད་དུས་ཀྱི་འཚོ་བ་དེ་དག་དྲན་གྱི་ཡོད། ཁོང་གིས་ ༡༩༩༠ ནང་གི་འགྲན་བསྡུར་རྗེས་སུ་དར་ཆ་དེ་རིམ་བཞིན་གླིང་ཕྲན་ཁག་ཏུ་ཁྱབ་སྤེལ་བྱུང་བ་མཐོང་ཞིང་། ད་ལྟ་ཁོང་གིས་རེ་བ་མེད་སའི་ས་ཆ་ཁག་ཏུ་དར་ཆ་དེ་མཐོང་གི་ཡོད།
ང་ཚོས་དར་ཆ་དེ་ས་ཆ་གང་དུ་མཐོང་གི་ཡོད་དམ།
དེང་སྐབས་ཋོ་རེ་སེ་མཚོ་འགག་གླིང་ཕྲན་གྱི་དར་ཆ་དེ་ཨོ་སེ་ཊེ་ལི་ཡའི་ས་ཆ་གང་སར་བཙུགས་ཡོད། ཁྱེད་ཀྱིས་དར་ཆ་དེ་སློབ་གྲྭ་དང་། མཐོ་སློབ། གྲོས་ཚོགས། ས་གནས་འགོ་འཛིན་ལས་ཁུངས། ཁྲིམས་ཁང་སོགས་ཀྱི་ཕྱི་ལོགས་སུ་རྒྱུན་དུ་གདོད་རིགས་མི་དམངས་ཀྱི་དར་ཆ་དང་རྒྱལ་ཁབ་ཀྱི་རྒྱལ་དར་གཉིས་དང་ལྷན་དུ་བསྒྲེངས་ནས་ཡོད་པ་མཐོང་ཐུབ།
ཊ་ཡི་རལ་གྱི་ངོས་ནས་བཤད་ན། འདི་ནི་ནུས་པ་ཆེན་པོ་ཞིག་རེད། ཁྲིམས་ཁང་དང་། སྦྲགས་ཁང་། མི་ཚོའི་གྱོན་ཆས་སྟེང་དར་ཆ་དེ་མཐོང་བ་དེས་ཁོང་ལ་ངོས་འཛིན་དང་མཉམ་ཞུགས་ཀྱི་ཚོར་སྣང་སྟེར་གྱི་ཡོད།

བྷར་ནར་ཌི་གཞོན་པས་ད་དུང་ཋོ་རེ་སེ་མཚོ་འགག་གླིང་ཕྲན་གྱི་དར་ཆ་དེ་ཁོང་གི་ཕ་ཡུལ་དང་རྒྱང་ཐག་རིང་པོར་བཙུགས་པ་མཐོང་ཡོད། ཁོང་གིས་རང་ཉིད་ཀྱི་དངོས་བྱུང་གློག་བརྙན་"དར་ཆ་འཁྱེར་བ།" ཞེས་པ་དེ་ཕྱི་རྒྱལ་གྱི་དུས་སྟོན་ཁག་ཏུ་འཁྱེར་ནས་འགྲོ་སྐབས། ལོན་ཌོན་དང་། པེ་རི་སི། ནིའུ་ཡོག་བཅས་ཀྱི་ཨོ་སེ་ཊེ་ལི་ཡའི་གཞུང་ཚབ་ཁང་དུ་དར་ཆ་དེ་མཐོང་ཐེངས་རེ་རེར་བྷར་ནར་ཌི་ཡིས་ཁོ་པའི་པ་ལགས་ཀྱིས་ཐར་སི་ཌེ་མཚོ་གླིང་དུ་དར་ཆ་དེའི་རི་མོ་བྲིས་བཞིན་པ་ལྷང་ལྷང་དྲན་གྱི་ཡོད།
"ངས་གང་དུ་བལྟས་ཀྱང་། དར་ཆ་དེ་མཐོང་དུས་ང་རང་གླིང་ཕྲན་དུ་འཚར་ལོང་བྱུང་བ་དང་། ཨ་ཕས་ཕྲག་པའི་སྟེང་དར་ཆ་དེའི་རི་མོ་འབྲི་བཞིན་པའི་ངའི་བྱིས་དུས་དེ་མཐོང་གི་འདུག།"
དར་ཆ་དེས་མི་རབས་རྗེས་མ་ཚོར་ག་རེ་མཚོན་གྱི་ཡོད།
བྷར་ནར་ཌི་གཞོན་པས་བྱིས་པ་ཚོས་ཋོ་རེ་སེ་མཚོ་འགག་གླིང་ཕྲན་གྱི་དར་ཆའི་རྒྱབ་ལྗོངས་ཀྱི་གཏམ་རྒྱུད་དེ་ཤེས་རྟོགས་བྱེད་དགོས་ཀྱི་འདུག་སྙམ་གྱི་ཡོད། ཁོང་གིས་ཋོ་མ་སི་མ་ཡོ་དང་མཉམ་དུ་"ང་ཚོའི་དར་ཆ། ང་ཚོའི་གཏམ་རྒྱུད།" ཞེས་པའི་བྱིས་པའི་དེབ་དེ་བརྩམས་ཤིང་། ཊོ་རི་ཇེ་མོར་ཌེ་ཡིས་རི་མོ་བྲིས་ཡོད།
བྷར་ནར་ཌི་གཞོན་པས་ང་ཚོའི་དར་ཆ། ང་ཚོའི་གཏམ་རྒྱུད་ཀྱི་གལ་ཆེའི་རང་བཞིན་སྐོར་ལ་བརྗོད་དོན། "ང་ལ་སློབ་གྲྭ་ཁག་ཏུ་དཔེ་ཀློག་བྱེད་པའི་གོ་སྐབས་མང་པོ་ཐོབ་བྱུང་། ལྷག་པར་དུ་མཐུན་སྒྲིལ་གྱི་བདུན་ཕྲག་དང་། གདོད་རིགས་མི་དམངས་ཀྱི་དུས་ཆེན་སྐབས་སུ་དགེ་རྒན་དང་སློབ་གྲྭའི་རྒྱབ་སྐྱོར་བྱེད་མཁན་ཚོས་ང་ལ་བརྗོད་པའི་བསམ་འཆར་ཚང་མ་ནི། བྱིས་པ་ཚོས་དེབ་དེ་ཀློག་རྒྱུར་དགའ་པོ་བྱེད་ཀྱི་ཡོད་པ་དེ་རེད།"
"ང་ཚོར་རང་ཉིད་ཀྱི་ཆེད་དུ་བཟོས་པའི་དར་ཆ་ཞིག་ཡོད་པ་དེ་ཡག་པོ་རེད།" ཊ་ཡི་རལ་ཝི་ཊེ་ཡི། པར་ཁུངས།
ང་ཚོར་རང་ཉིད་ཀྱིས་ཆེད་དུ་བཟོས་པའི་དར་ཆ་ཞིག་ཡོད་པ་དེ་ཡག་པོ་རེད།" ཅེས་ཊ་ཡི་རལ་ཝི་ཊེ་ཡིས་བརྗོད་ཡོད། "ང་ཚོས་མུ་མཐུད་དུ་འགྲུལ་བཞུད་བྱེད་པ་དང་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བ། དེ་བཞིན་ང་ཚོའི་རིག་གཞུང་གི་ངོ་བོར་ངོས་འཛིན་བྱེད་པར་སྤོབས་སེམས་ལྡན་པ་ཡོང་བར་དར་ཆ་དེ་དགོས་ཀྱི་ཡོད།"
ཁྱེད་ཀྱིས་དར་ཆ་དེ་མཐོང་དུས། ད་ལྟ་ཡང་ཋོ་རི་སི་མཚོ་འགག་དང་ཨོ་སི་ཊེ་ལི་ཡ། དེ་བས་འཛམ་གླིང་ཡོངས་སུ་གསོན་པོར་གནས་པའི་ས་གཞི་དང་། ཆུ་བོ། མི་རིགས་བཅས་ཀྱི་མཚོན་རྟགས་གསོན་པོ་ཞིག་བལྟ་བཞིན་ཡོད།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།






