ཨོ་སི་ཁྲུ་ལི་ཡའི་ཐོག་མའི་མི་རིགས་ལ་འབྲེལ་བ་བྱེད་པའི་གོམ་པ་དང་པོ། Australia Explained

Australia Explained: Indigenous Connections

ཨོ་སི་ཁྲུ་ལི་ཡའི་ས་ཆ་གང་དུ་བསྡད་ཀྱང་། ཁྱེད་རང་ཨོ་སི་ཁྲུ་ལི་ཡའི་ཐོག་མའི་མི་རིགས་ཀྱི་ས་ཆ་དང་ཆུ་བོའི་སྟེང་དུ་ཡོད། པར་ཁོངས། གྷེ་ཊི་པར་རིས། Credit: Matthew Micah Wright/Getty Images

ཨོ་སི་ཁྲུ་ལི་ཡའི་ནང་གསར་དུ་འབྱོར་བའི་མི་ཞིག་ལ་མཚོན་ན། ཨོ་སི་ཁྲུ་ལི་ཡའི་ཡུལ་མི་ཐོག་མ་རྣམས་དང་འབྲེལ་བ་བྱེད་རྒྱུ་དེ་དཀའ་ངལ་ཅན་ཞིག་ཡིན་སྲིད། དེས་ན་ང་ཚོས་འགོ་གང་ཞིག་ནས་འཛུགས་དགོས་སམ། ང་ཚོས་ཡ་ཝུ་རུའི་བུད་མེད་ཤཱ་ནན་ཌོ་སོན་ལགས་ལ་དྲིས་པ་ཡིན། ཁོང་ནི་གསོ་བཅོས་ཐེབས་རྩ་ཚོགས་པའི་འགན་འཛིན་ཡིན་ལ། ཁོང་གིས་ས་གནས་ཀྱི་སྤྱི་ཚོགས་ཁག་གི་ནང་དུ་ཐོག་མའི་ཡུལ་མི་རྣམས་དང་ཁོང་ཚོའི་གནད་དོན་ལ་འབྲེལ་བ་བྱེད་པའི་ཐབས་ལམ་སྟབས་བདེ་འགའ་ཞིག་གི་སྐོར་གསུངས་ཡོད།


གཙོ་དོན།
  • ཨོ་སི་ཁྲུ་ལི་ཡའི་གདོད་རིགས་མང་ཚོགས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ནི་མི་རིགས་དང་རིག་གཞུང་སྣ་མང་ཅན་ཡིན།
  • གདོད་རིགས་མང་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ཚོགས་པ་དང་བྱེད་སྒོ་ཁག་གིས་ཐོག་མའི་མི་རིགས་དང་ཁོང་ཚོའི་གནད་དོན་ལ་འབྲེལ་བ་བྱེད་པའི་བརྒྱུད་ལམ་མཁོ་སྤྲོད་བྱེད་ཀྱི་ཡོད།
  • ཁྱེད་ཀྱིས་ཁོང་ཚོར་གཟབ་ནན་གྱིས་འབྲེལ་བ་བྱེད་པའི་ནང་རྒྱུས་ལོན་བྱ་ཕྱིར་ཁོང་ཚོའི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་པ། གུ་ཡངས་པའི་ཐོག་ཁོང་ཚོའི་སྐད་ཆར་ཉན་པ། དེ་བཞིན་གུས་ཞབས་དང་བཅས་དྲི་བ་འདྲི་བ་བཅས་ཚུད་ཡོད།

ཨོ་སི་ཁྲུ་ལི་ཡའི་ནང་དུ་གནས་སྡོད་བྱེད་མཁན་སུ་ཡིན་རུང་། གདོད་རིགས་མང་ཚོགས་གྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་སྣ་མང་རང་བཞིན་ཤེས་རྟོགས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞེས་ཡ་ཝུ་རུའི་བུད་མེད་ཤཱ་ནན་ཌོ་སོན་གྱིས་བརྗོད་ཡོད། ཁོང་ནི་གསོ་བཅོས་ཐེབས་རྩ་ཚོགས་པའི་འགན་འཛིན་ཡིན།

“རྒྱལ་ཁབ་ཡོངས་སུ་སྐད་རིགས་མི་འདྲ་བ་བརྒྱ་ཕྲག་མང་པོ་ཡོད་པས་གཅིག་གྱུར་གྱི་རིག་གཞུང་ཞིག་མེད་པ་ཤེས་རྟོགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད།

“དེ་ལྟ་བུའི་རྒྱ་ཆེའི་རང་བཞིན་ཤེས་རྟོགས་བྱེད་ཐུབ་པ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད།”
Healing Foundation_Canberra-07 (1).jpg
“ཨོ་སི་ཁྲུ་ལི་ཡའི་ནང་དུ་གནས་སྡོད་བྱེད་མཁན་སུ་འདྲ་ཞིག་ཡིན་རུང་། གདོད་རིགས་མང་ཚོགས་ཀྱིས་ལོ་ངོ་ཁྲི་ཕྲག་མང་པོའི་རིང་ལ་ས་ཆ་འདི་ལ་བདག་སྐྱོང་བྱས་ཡོད་པ་ཤེས་རྟོགས་བྱེད་རྒྱུ་དེ་གལ་ཆེན་པོ་རེད།” ཅེས་ཤཱ་ནན་ཌོ་སོན་གྱིས་བརྗོད་ཡོད། པར་རིས་ནི་གསོ་བཅོས་ཐེབས་རྩ་ཚོགས་པ་ནས་བླངས་པ་ཡིན།

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service